ཚིག་གི་དོན་ནི། ཡོ་ག་སྠཿ - རྣལ་འབྱོར་ལ་གནས་པ། ཀུ་རུ - བྱེད་པ། ཀརྨ་ཎི - ལས་ཀ། སངྒམ - ཆགས་པ། ཏྱཀྟྭཱ - སྤངས་པ། དྷ་ན་ཉྫ་ཡ - ཀྱེ་ཨརྫུ་ན། སིདྡྷྱ་སིདྡྷྱོཿ - རྒྱལ་ཕམ་གཉིས་ལ། ས་མཿ - མཉམ་པ། བྷཱུཏྭཱ - གྱུར་པ། ས་མ་ཏྭམ - སེམས་ཀྱི་མཉམ་ཉིད། ཡོ་གཿ - རྣལ་འབྱོར། ཨུཙྱ་ཏེ - བརྗོད་པའོ། འགྲེལ་བཤད། དཀོན་མཆོག་དང་འབྲེལ་བའི་ངང་ནས་ལས་རྣམས་བྱོས། རྒྱལ་ཕམ་གང་བྱུང་ཡང་སེམས་མཉམ་པར་ཞོག སེམས་མཉམ་པ་ཉིད་དེ་ནི་རྣལ་འབྱོར་ཡིན། འབྲས་བུར་མ་ཆགས་པར་ལས་བྱས་ན་སེམས་དག་ཅིང་རང་གི་ངོ་བོ་རྟོགས་པའི་ཤེས་རབ་འབྱུང་བ་དེ་ནི་གྲུབ་པ་ཡིན། འབྲས་བུར་རེ་ནས་ལས་བྱས་ན་ཤེས་རབ་མི་འབྱུང་བ་དེ་ནི་ཕམ་པ་ཡིན།
★🔗