ཚིག་གི་དོན་ནི། ཨ་ཐ་ཙེཏ་ - གལ་ཏེ་ཁྱོད་ཀྱིས། ཏྭམ་ - ཁྱོད། ཨི་མམ་ - འདི། དྷརྨྱམ་ - ཆོས་ལྡན། སཾ་གྲཱ་མམ་ - དམག་འཐབ། ན་ - མིན། ཀ་རི་ཥྱ་སི་ - བྱེད་པ། ཏ་ཏཿ - དེ་ནས། སྭ་དྷརྨམ་ - རང་གི་ལས་འགན། ཀཱིརྟིམ་ - གྲགས་པ། ཙ་ - དང་། ཧིཏྭཱ་ - དོར་བ། པཱ་པམ་ - སྡིག་པ། ཨ་ཝཱ་པྶྱ་སི་ - ཐོབ་པ། འགྲེལ་བཤད། དཀོན་མཆོག་གིས་ཨརྫུ་ན་ལ་ཁོང་གིས་སྔོན་ཆད་ཐོབ་པའི་གྲགས་པ་དྲན་གསོ་གནང་བ་དང་། གལ་ཏེ་ཁོང་གིས་དམག་འཐབ་མི་བྱེད་ཚེ་གྲགས་པ་དེ་དག་ཤོར་རྒྱུ་ཡིན་པར་གསུངས། ཨརྫུ་ནས་ཤི་ཝ་དང་དམག་འཐབ་བྱས་ཏེ་གྲགས་པ་ཆེན་པོ་ཐོབ་ཡོད། ཨརྫུ་ན་ཧི་མ་ལ་ཡར་གནས་སྐོར་ལ་ཕེབས་སྐབས། རི་དྭགས་རྔོན་པའི་ (ཀི་རཱ་ཏ་) ཆས་སུ་ཞུགས་པའི་ཤི་ཝ་དང་འཐབ་རྩོད་བྱས་ཏེ་ཁོང་གི་ལག་ནས་ 'པཱ་ཤུ་པཱ་ཏ་སྟྲ་' ཞེས་པའི་ལྷའི་མཚོན་ཆ་ཐོབ་པ་རེད།
★🔗