ཚིག་གི་དོན་ནི། ན - མེད། ཨེ་ཝ - ངེས་པར། ཏ་སྱ - ཁོང་གི། ཀྲྀ་ཏེ་ན - བྱས་པའི་ལས་ཀྱིས། ཨརྠཿ - དགོས་པ། ན - མེད། ཨ་ཀྲྀ་ཏེ་ན - མ་བྱས་པའི་ལས་ཀྱིས། ཨི་ཧ - འཇིག་རྟེན་འདིར། ཀ་ཤྩ་ན - གང་ཡང་། ན - མེད། ཙ - དང་། ཨ་སྱ - ཁོང་གི། ས་རྦ་བྷཱུ་ཏེ་ཥུ - སེམས་ཅན་ཐམས་ཅད་ལ། ཀ་ཤྩིཏ - གང་ཡང་། ཨརྠ་བྱ་པཱ་ཤྲ་ཡཿ - དགོས་པའི་ཆེད་དུ་བརྟེན་པ། འགྲེལ་བཤད། རང་གི་སེམས་ལ་དགའ་བའི་མཁས་པ་དེས་ལས་གང་ཡང་བྱས་པས་ཐོབ་བྱ་ཅི་ཡང་མེད། ཁོང་ལ་ལས་ཀྱིས་དགོས་པ་གང་ཡང་སྒྲུབ་མི་དགོས། ལས་མ་བྱས་པས་ཁོང་ལ་ཉེས་པ་དང་གྱོང་གུད་གང་ཡང་མེད། དངོས་པོ་གང་ཡང་ཐོབ་པར་བྱ་ཕྱིར་ཁོང་གཞན་ལ་བརྟེན་མི་དགོས། གཞན་གྱི་ཐུགས་རྗེ་ཐོབ་པར་བྱ་ཕྱིར་ཁོང་གིས་འབད་པ་བྱེད་མི་དགོས།
★🔗