བཀའ་སྩོལ་བའི་ལྷ་ཆེན་པོས་གསུངས་པ། སྡིག་མེད་འཇིགས་མེད་ཀྱིས་ཉན་ཅིག འདིར་མི་ཡི་འཇིག་རྟེན་འདིར་ལམ་རྣམ་པ་གཉིས་པོ་དེ་ངས་སྔོན་དུ་བསྟན་པ་ཡིན། དེ་གཉིས་ཀྱི་ནང་ནས་མཁས་པ་རྣམས་ཀྱི་རྟག་ཏུ་གནས་པ་ནི་ཤེས་རབ་ཀྱི་མལ་འབོར་གྱིས་ཡིན་ལ ། མལ་འབོར་པ་རྣམས་ཀྱི་རྟག་ཏུ་གནས་པ་ནི་ལས་ཀྱི་མལ་འབོར་གྱིས་ཡིན་ནོ།།
དཔྱད་གཞིའི་འགྲེལ་བཤད། འཇིགས་མེད་ཀྱིས་འཐབ་རྩོད་མི་བྱེད་པར་བསམས་པས མཉམ་པ་ཉིད་སྟོན་པའི་བློ་ཞེས་པའི་ཚིག་དེ་ཤེས་རབ་ཀྱི་དོན་དུ་གོ་བ་ལ། སྔོན་དུ་བཀའ་སྩོལ་བས་མཉམ་པ་ཉིད་བློ་དང་བློ་ཡི་མལ་འབོར་གྱི་ཚིག་གིས་བསྟན་པ་ཡིན་པས (༢.༣༩ ༤༩ སོགས) འདིར་ཡང་ཤེས་རབ་ཀྱི་མལ་འབོར་དང་ལས་ཀྱི་མལ་འབོར་གཉིས་ཀྱིས་ཐོབ་པའི་མཉམ་པ་ཉིད་བསྟན་པ་ཡིན། སྡིག་མེད་ཅེས་པ། འཇིགས་མེད་ཀྱིས་རང་གི་ཕན་ཡོན་མཆོག་ཏུ་གྱུར་པ་དེ་སྐོར་དྲིས་པ་ཙམ་གྱིས་ཀྱང་སྡིག་མེད་པར་གྱུར་པ་སྟེ། གང་ཞིག་གིས་རང་གི་ཕན་ཡོན་ལ་མངོན་པར་འདོད་པ་ཆེན་པོ་ཡོད་ན་དེའི་སྡིག་པ་རྣམས་འཇོམས་པར་འགྱུར་བའི་ཕྱིར་རོ། འཇིག་རྟེན་འདིར་ལམ་རྣམ་པ་གཉིས་པོ་དེ་ངས་སྔོན་དུ་བསྟན་པ་ཡིན་ཞེས་པའི་ཚིག་གི འཇིག་རྟེན་ཞེས་པ་ནི་མིའི་ལུས་སུ་གོ་དགོས་ཏེ། སྒོམ་སྒྲུབ་རྣམ་པ་གཉིས་ཀ་བྱེད་པའི་ཐོབ་ཐང་དང་། གང་ཟག་གི་ཐོབ་ཐང་ནི་མིའི་ལུས་ལ་གཏན་འཇགས་སུ་གནས་པའི་ཕྱིར་རོ། རྟག་ཏུ་གནས་པ་ཞེས་པ་ནི་མཉམ་པ་ཉིད་ལ་གནས་པ་སྟེ། དེ་ཉིད་གཅིག་ཡིན་ཀྱང་ཤེས་རབ་ཀྱི་མལ་འབོར་དང་ལས་ཀྱི་མལ་འབོར་གཉིས་ཀྱི་ལམ་གྱིས་ཐོབ་པར་བྱེད་པ་ཡིན། མལ་འབོར་གཉིས་པོ་འདི་དབྱེ་བ་བཟོ་ཆེད་དུ་བཀའ་སྩོལ་བས་ལེའུ་གཉིས་པའི་ཚིགས་སུམ་ཅུ་རྩ་དགུ་པར་མཁས་པའི་མལ་འབོར་གྱི་སྐབས་སུ་མཉམ་པའི་བློ་འདི་བསྟན་པ་ཡིན་ལ། ད་ལྟ་ལས་ཀྱི་མལ་འབོར་གྱི་སྐབས་སུ་ཡང་དེ་ཉིད་ཉན་པར་གྱིས་ཤིག ཅེས་གསུངས་པ་ནི། འདི་ནི་མཁས་པའི་གཞི་ནས་བསྟན་པ་ཡིན། ད་ལྟ་མལ་འབོར་གྱི་གཞི་ནས་ཉན་པར་གྱིས་ཤིག ཅེས་པ་དེ་ཡིན། སྔོན་ཞེས་པའི་ཚིག་དེ་ཡོད་ཚད་དུ་རྒྱུན་མཐུད་པའམ། ཡང་ན་ཉེ་ཤོས་སུ་གོ་བ་སྟེ། འདིར་དེའི་དོན་ནི་ཉེ་ཤོས་སུ་གོ་དགོས་ཏེ། ལེའུ་སྔོན་མ་དེའི་སྐོར་ལ་འཇིགས་མེད་ལ་ཐེ་ཚོམ་བྱུང་བའི་ཕྱིར་རོ། ལེའུ་སྔོན་མར་ལམ་གཉིས་པོ་དེ་ཁ་བྲལ་དུ་བསྟན་ཀྱང་། ལམ་གཉིས་པོ་དེ་གང་གི་སྐབས་སུ་ཡང་ལས་སྤང་བའི་གཏམ་མེད་དོ།།
འདིར་གསལ་བའི་ཟབ་དོན་ནི། བཀའ་སྩོལ་བས་ལམ་གཉིས་སྟོན་པ་ནི་མཁས་པའི་རྟག་གནས་(ཤེས་རབ་ཀྱི་མལ་འབོར)དང་མལ་འབོར་པའི་རྟག་གནས་(ལས་ཀྱི་མལ་འབོར)ཡིན། འཇིག་རྟེན་འདིར་ལམ་རྣམ་པ་གཉིས་ཡོད་པ་ལྟར། འཇིག་རྟེན་འདིར་གང་ཟག་རྣམ་པ་གཉིས་ཡོད་པ་ནི། འཇིག་རྟེན་འདིར་གང་ཟག་འདི་གཉིས་ཡོད། (གཞུང་༡༥.༡༦)ཞེས་གསུངས་པ་ལྟར་རོ། དེ་གཉིས་ནི་འཇིག་པ་ཅན་(འཇིག་རྟེན)དང་མི་འཇིག་པ་(བདག་ཉིད)ཡིན། འཇིག་པ་ཅན་གྱི་སྐོར་ལ་རྒྱལ་ཕམ་དང་། ཐོབ་མ་ཐོབ་སོགས་ལ་མཉམ་པ་ཉིད་ལ་གནས་པ་ནི་ལས་ཀྱི་མལ་འབོར་ཡིན་ལ། འཇིག་པ་ཅན་ལས་ཡིད་ཕྱུག་ཏུ་བྱས་ཏེ་མི་འཇིག་པར་གནས་པ་ནི་ཤེས་རབ་ཀྱི་མལ་འབོར་ཡིན། འོན་ཀྱང་འཇིག་པ་ཅན་དང་མི་འཇིག་པ་གཉིས་ལས་ཀྱང་ལྷག་པའི་གང་ཟག་གཞན་ཞིག་ཡོད་པ་ནི་ཡོངས་སུ་གྲགས་པའི་བདག་ཉིད་ཆེན་པོ་ཞེས་བྱ་སྟེ། (༡༥.༡༧)དེ་ནི་འཇིག་པ་ཅན་ལས་འདས་ཤིང་མི་འཇིག་པ་ལས་ཀྱང་མཆོག་ཏུ་གྱུར་པ་ཡིན་པས། གཞུང་དང་རྒྱུད་སྡེ་རྣམས་སུ་གང་ཟག་མཆོག་ཏུ་གྲགས་སོ། (༡༥.༡༨) དེ་ལྟ་བུའི་བདག་ཉིད་ཆེན་པོ་ལ་ཡོངས་སུ་རང་ཉིད་གཏོང་བ་ནི་བཀའ་སྩོལ་བ་ལ་རྟག་ཏུ་གནས་པ་(དད་པའི་མལ་འབོར)ཡིན། དེ་ལྟར་འཇིག་པ་ཅན་གྱིས་གཙོ་བོར་བྱས་ནས་ལས་ཀྱི་མལ་འབོར་འཕེལ་ལ། མི་འཇིག་པས་གཙོ་བོར་བྱས་ནས་ཤེས་རབ་ཀྱི་མལ་འབོར་འཕེལ་ལ། བདག་ཉིད་ཆེན་པོས་གཙོ་བོར་བྱས་ནས་དད་པའི་མལ་འབོར་འཕེལ་རྒྱས་སུ་སོང་ངོ་།
མཁས་པའི་རྟག་གནས་དང་མལ་འབོར་པའི་རྟག་གནས་གཉིས་ནི་གང་ཟག་རང་གི་ལམ་ཡིན་ཡང་། བཀའ་སྩོལ་བ་ལ་རྟག་ཏུ་གནས་པ་ནི་གང་ཟག་རང་གི་ལམ་མིན། དེའི་རྒྱུ་མཚན་ནི། མཁས་པའི་རྟག་གནས་དང་མལ་འབོར་པའི་རྟག་གནས་གཉིས་སུ་གང་ཟག་ལ་ང་ཡོད་དང་། འཇིག་རྟེན་ཡོད་པའི་མྱོང་བ་ཡོད་པས། ཤེས་རབ་ཀྱི་མལ་འབོར་པས་འཇིག་རྟེན་དང་འབྲེལ་བ་ཆོད་དེ་རང་གི་བདག་ཉིད་ལ་གནས་པ་དང་། ལས་ཀྱི་མལ་འབོར་པས་འཇིག་རྟེན་གྱི་ཡུལ་(ལུས་སོགས)རྣམས་འཇིག་རྟེན་ཉིད་ཀྱི་ཞབས་ཏོག་ཏུ་བཀོད་ནས་འཇིག་རྟེན་དང་འབྲེལ་བ་ཆོད་པར་བྱེད་ཀྱིན་ཡོད། འོན་ཀྱང་བཀའ་སྩོལ་བ་ལ་རྟག་ཏུ་གནས་པར་གང་ཟག་ལ་དང་པོར་ལྷ་ཡོད་པའི་མྱོང་བ་མེད་ཀྱང་། བདག་དང་འཇིག་རྟེན་གཉིས་ལས་གཞན་པའི་དངོས་པོ་(ལྷ)ཞིག་ཡོད་པར་ཡིད་ཆེས་པ་ཡོད་པས། དད་པ་དང་ངོས་འཛིན་གྱིས་ལྷ་ལ་བཀུར་སྟི་བྱས་ཏེ་རང་ཉིད་ལྷ་ལ་གཏོང་བར་བྱེད་པ་ཡིན། དེ་ལྟར་མཁས་པའི་རྟག་གནས་དང་མལ་འབོར་པའི་རྟག་གནས་གཉིས་སུ་ཤེས་པ་(རྣམ་པར་རྟོག་པ)གཙོ་བོར་གྱུར་ཅིང་། བཀའ་སྩོལ་བ་ལ་རྟག་ཏུ་གནས་པར་ཡིད་ཆེས་པ་(དད་པ་ངོས་འཛིན)གཙོ་བོར་གྱུར་པ་ཡིན།
ཤེས་པ་དང་ཡིད་ཆེས་པ་གཉིས་ལ་ཁྱད་པར་མེད་དེ། ཤེས་པ་ཐེ་ཚོམ་མེད་པ་(བརྟན་པོ)ལྟར། ཡིད་ཆེས་པ་ཡང་ཐེ་ཚོམ་མེད་པ་ཡིན། ཡིད་ཆེས་པའི་གནས་སུ་དཔྱད་པ་བྱེད་དགོས་པའི་གོ་སྐབས་མི་ལྡན་ཏེ། དཔེར་ན། འདི་ནི་ངའི་མ་ཡིན་ཞེས་པ་ནི་ཡིད་ཆེས་པ་ཙམ་ཡིན་ཡང་། ཡིད་ཆེས་པ་འདིའི་ནང་དུ་ཐེ་ཚོམ་གྱིས་ཀྱང་མི་འཇུག ཞིབ་འཚོལ་གྱིས་ཀྱང་མི་འཇུག དཔྱད་པ་བྱེད་དགོས་པའི་དགོས་པ་ཡང་མེད་དོ། དེ་བས་གཞུང་འདིར་དད་པའི་མལ་འབོར་གྱི་སྐབས་སུ་ཤེས་པའི་གནས་སུ་གྱུར་པ་རྣམས་ཡིད་ཆེས་པའི་དོན་དུ་བཟུང་དགོས་ལ། དེ་བཞིན་ཤེས་རབ་ཀྱི་མལ་འབོར་དང་ལས་ཀྱི་མལ་འབོར་གྱི་སྐབས་སུ་ཡིད་ཆེས་པའི་གནས་སུ་གྱུར་པ་རྣམས་ཤེས་པའི་དོན་དུ་བཟུང་དགོས་སོ།
མཁས་པའི་རྟག་གནས་དང་མལ་འབོར་པའི་རྟག་གནས་གཉིས་ནི་ཐབས་དང་འབྲས་བུ་ཡིན་ལ་གང་ཟག་ལ་རག་ལས་ཀྱང་། བཀའ་སྩོལ་བ་ལ་རྟག་ཏུ་གནས་པ་ནི་ཐབས་དང་འབྲས་བུ་མིན་ཏེ། བཀའ་སྩོལ་བ་ལ་རྟག་ཏུ་གནས་པར་གང་ཟག་ནི་ལྷ་དང་དེའི་བྱིན་རླབས་ལ་རག་ལས་པ་ཡིན།
བཀའ་སྩོལ་བ་ལ་རྟག་ཏུ་གནས་པའི་རྣམ་གཞག་ནི་གཞུང་འདིའི་ནང་ས་མང་པོར་གསལ་ཏེ། དཔེར་ན། ལེའུ་འདི་ཉིད་ཀྱི་ནང་ལམ་གཉིས་པོ་བསྟན་པའི་རྗེས་སུ་ཚིགས་སུ་ཅུ་པར་ལས་ཐམས་ཅད་ང་ལ་གཏོང་བ་ཞེས་པའི་ཚིག་གིས་དད་པ་བསྟན་པ་དང་། ལེའུ་ལྔ་པར་ཡང་ལམ་གཉིས་པོ་བསྟན་པའི་རྗེས་སུ་ཚིགས་བཅུ་པར་ལས་རྣམས་ཚངས་པར་གཏོང་བ་ཞེས་པའི་ཚིག་གིས་དད་པ་བསྟན་པ་དང་། མཇུག་ཏུ་མཆོད་པ་དང་དཀའ་ཐུབ་ཐམས་ཅད་ཀྱི་བདག་པོ་...སོགས་ཀྱིས་བསྟན་པ་ལྟ་བུའོ།
མཁས་པ་རྣམས་ཀྱི་རྟག་ཏུ་གནས་པ་ནི་ཤེས་རབ་ཀྱི་མལ་འབོར་གྱིས་ཡིན་ཞེས་པ། རང་བཞིན་ལས་བྱུང་བའི་ཡོན་ཏན་ཐམས་ཅད་ཡོན་ཏན་གྱི་ནང་དུ་འབྲེལ་བ་ཙམ་ཡིན་པ་དང་། བྱ་བ་ཐམས་ཅད་ཡོན་ཏན་དང་དབང་པོའི་ནང་དུ་འབྱུང་བ་ཡིན་པ། (གཞུང་༣.༢༨)ངས་འདི་དག་དང་འབྲེལ་བ་གང་ཡང་མེད་དོ་ཞེས་རྟོགས་ཏེ། བྱ་བ་ཐམས་ཅད་ཀྱི་བྱེད་པ་པོའི་ང་རྒྱལ་ཡོངས་སུ་སྤང་བ་ནི་ཤེས་རབ་ཀྱི་མལ་འབོར་ཡིན། གཞུང་འདིའི་གསུང་རབ་འགོ་ཙམ་ནས་མཁས་པའི་མལ་འབོར་(ཤེས་རབ་ཀྱི་མལ་འབོར)བསྟན་པའི་སྐབས་སུ། བཀའ་སྩོལ་བས་འཇིག་པ་ཅན་གྱི་ལུས་དང་ལུས་ཀྱི་གནས་པ་མི་འཇིག་པ་དེ་དབྱེ་བ་བཏང་སྟེ། (གཞུང་༢.༡༦)དེ་ལ་མེད་པ་དང་ཡོད་པ་ཞེས་ཀྱང་བྱ་སྟེ།
མལ་འབོར་པ་རྣམས་ཀྱི་རྟག་ཏུ་གནས་པ་ནི་ལས་ཀྱི་མལ་འབོར་གྱིས་ཡིན་ཞེས་པ། རང་གི་རིགས་དང་། གཞི་གནས། རང་བཞིན། གནས་སྐབས་སོགས་ལ་བརྟེན་ནས་གཞུང་ལུགས་སུ་བསྟན་པའི་ལས་ཀྱི་བྱ་བ་གང་འཕྲད་པ་དེ་དག འདོད་པ་དང་། ཆགས་སྡང་། ཞེན་པ་སོགས་ཡོངས་སུ་སྤངས་ཏེ་(བྱ་བ་དེ་དང་དེའི་འབྲས་བུ་ལ་)ལས་ཀྱི་རྒྱལ་ཕམ་ལ་མཉམ་པ་ཉིད་ལ་གནས་པ་ནི་ལས་ཀྱི་མལ་འབོར་ཡིན། བཀའ་སྩོལ་བས་ལས་ཀྱི་མལ་འབོར་གཙོ་བོར་བྱས་ནས་ལེའུ་གཉིས་པའི་ཚིགས་བཞི་བཅུ་རྩ་བདུན་པ་དང་བཞི་བཅུ་རྩ་བརྒྱད་པར་བསྟན་ཏེ། དེའི་ནང་ཚིགས་བཞི་བཅུ་རྩ་བདུན་པར་ལས་ཀྱི་མལ་འབོར་གྱི་གཞི་རྩ་བསྟན་པ་དང་། ཚིགས་བཞི་བཅུ་རྩ་བརྒྱད་པར་ལས་ཀྱི་མལ་འབོར་ལག་ལེན་དུ་འཇུག་པའི་ཐབས་བསྟན་པ་ཡིན་ནོ།།
★🔗